དང་པོ་ནང་ནས་ཡོང་དུས།
དང་པོ་ནང་ནས་ཡོང་དུས།སྐེ་ལ་ཁ་བཏགས་གཡོག་བྱུང་།གཉིས་པ་གམ་པ་ལ་མོ་བརྒྱབ་དུས།སུས་ཀྱང་ཡ་བྱེད་མཁན་མིན་འདུག།ཕར་ལ་མིག་གཅིག་བལྟས་པས།ཚུར་ལ་སྤྱན་གཅིག་གཟིགས་བྱུང་།སྐྱབས་མགོན་ཡིད་བཞིན་ནོར་བུ་མཇལ་དུས།མིག་ཆུ་རང་དབང་མེད་པར་ཤོར་བྱུང་།བྱ་དེ་ཁྲུང་ཁྲུང་དཀར་མོ།གཤོག་རྩལ་ང་ལ་གཡར་དང་།གཤོག་རྩལ་ངོམ་བཞིན་ངོམ་བཞིན།བཞུགས་སྒར་རྡ་རམ་ས་ལ་མཇལ་བྱུང་།ཕར་ལ་མིག་གཅིག་བལྟས་པས།ཚུར་ལ་སྤྱན་གཅིག་གཟིགས་བྱུང་།གཡུ་ཡི་དགའ་ལྡན་ཕོ་བྲང་མཇལ་དུས།མི..